Google+
Overblog
Editer l'article Suivre ce blog Administration + Créer mon blog
King Gesar of Ling

King Gesar of Ling with English subtitles: https://www.youtube.com/user/Linglhamo

༄༅།ཕྱི་ཟླ་གཉིས་པའི་ཚེས་༡༣...

Publié le 31 Mars 2013 par Ling Lhamo Katic

༄༅།ཕྱི་ཟླ་གཉིས་པའི་ཚེས་༡༣ ཉིན་བལ་ཡུལ་མཆོད་རྟེན་ཁུལ་དུ་བོད་དོན་ཆེད་དུ་རང་ལུས་མེ་བསྲེག་བཏང་སྟེ་འདས་གྲོངས་སུ་ཕྱིན་པའི་སྐུ་ཞབས་གྲུབ་ཆེན་ཚེ་རིང་ལགས་དམ་པ་དེའི་སྐུ་ཕུང་བོད་མིར་རྩིས་སྤྲོད་ཡོང་བའི་རེ་སྐུལ་ཞུས་ཀྱང་། བལ་ཡུལ་གཞུང་གིས་བོད་མིར་རྩིས་སྤྲོད་མ་བྱས་པར་ཕྱི་ཟླ་གསུམ་པའི་༢༦ཉིན་ཞུགས་འབུལ་གནང་བ་དེར། བོད་མི་ཚོས་བལ་ཡུལ་གཞུང་གི་བྱ་སྤྱོད་ལ་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད།
དེ་ཡང་བལ་ཡུལ་གཞུང་གིས་གྲུབ་ཆེན་ཚེ་རིང་ལགས་ཀྱི་སྐུ་ཕུང་ཟླ་བ་གཅིག་དང་ཕྱེད་ཀ་ཙམ་ཉར་བ་དང༌། དེའི་རིང་ལ་བལ་ཡུལ་ཁུལ་གྱི་བོད་མི་དང་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་མི་ཚོས་སོ་སོ་གནས་ཡུལ་གྱི་བལ་པོའི་གཞུང་ཚབ་ཁང་ལ་གྲུབ་ཆེན་ཚེ་རིང་ལགས་ཀྱི་སྐུ་ཕུང་བོད་མིར་རྩིས་སྤྲོད་དགོས་པའི་རེ་སྐུལ་ཞུས་ཡོད་ཀྱང་། བལ་ཡུལ་གཞུང་གིས་གྲུབ་ཆེན་ཚེ་རིང་ལགས་ཀྱི་སྐུ་ཕུང་བོད་མིར་རྩིས་སྤྲོད་མ་བྱས་པ་མ་ཟད་གསང་བའི་ཐོག་ནས་སྐུ་ཕུང་བཞུགས་འབུལ་བྱས་ཡོད་པ་རེད། གྲུབ་ཆེན་ཚེ་རིང་ལགས་ཀྱི་སྐུ་ཕུང་བལ་ཡུལ་གཞུང་གིས་གསང་བའི་ཐོག་ནས་ཞུགས་འབུལ་བྱེད་པའི་ཐག་གཅོད་དེ་ནི། བལ་ཡུལ་ནང་གནས་སྡོད་བོད་མི་ཚོར་དམིགས་པའི་རྒྱ་ནག་གཞུང་གི་གནོན་ཤུགས་ཡོད་པར་ངོས་འཛིན་གནང་བ་མ་ཟད། ལྷག་པར་དུ་གཟའ་འཁོར་རྗེས་མའི་ནང་ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་སྐུ་ཞབས་ ཇི་མི་ཀ་ཊར་ བལ་ཡུལ་དུ་འཚམས་འདྲིར་ཕེབས་ཀྱི་ཡོད་པར་བརྟེན། ཁོང་བལ་ཡུལ་དུ་འཚམས་འདྲིར་མ་ཕེབས་གོང་དེར་གྲུབ་ཆེན་ཚེ་རིང་ལགས་ཀྱི་སྐུ་ཕུང་རྩིས་སྤྲོད་དགོས་པའི་རེ་སྐུལ་ཞུ་བའི་རྙོག་ཕྲ་དེ་གཙང་སེལ་བཟོས་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།།
བལ་ཡུལ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས། བལ་ཡུལ་རྒྱལ་ཁབ་དེ་ནི་དམངས་གཙོ་དང་ཁྲིམས་ལུགས་ལྡན་པའི་རང་བཙན་རྒྱལ་ཁབ་དེ་ཡིས་དབང་ཆ་གཅིག་བསྡུས་རྒྱལ་ཁབ་ལྟ་བུའི་བྱ་སྤྱོད་ལག་བསྟར་བྱས་པ་མ་ཟད། རྒྱ་ནག་གཞུང་གིས་བལ་ཡུལ་རྒྱལ་ཁབ་ཀྱི་སྲིད་དབང་ཐོག་ཐེ་ཇུས་བྱེད་དུ་བཅུག་པའི་བྱ་སྤྱོད་ལ་ཧ་ཅང་གི་བློ་ཕམ་དང་བློ་འཚབ་སྐྱེས་ཡུལ་ཞིག་ཡིན་པ་གསུངས་ཡོད་པ་རེད།།

Commenter cet article