Google+
Overblog
Editer l'article Suivre ce blog Administration + Créer mon blog
King Gesar of Ling

King Gesar of Ling with English subtitles: https://www.youtube.com/user/Linglhamo

Guru Padmasambhava day at Tongkyab monastery in Golok Gabde

Publié le 18 Juillet 2013 par Ling Lhamo

Guru Padmasambhava day at Tongkyab monastery in Golok Gabde

༈ ལྷོ་ནུབ་འོ་མ་ཅན་གྱི་ཆུ་གཏེར་ལས།།

དབང་ཆེན་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུའི་ཉིན།།

མཚན་དཔེའི་ལང་ཚོ་མ་བརྩལ་ལྷུན་རྫོཊ་པ།།

སངས་རྒྱས་གཉིས་པ་པདྨཱ་ཀ་ར༔རྒྱལ།།

དེ་རིང་ནི། བོད་ཟླ་དྲུག་པའི་ཚེས་བཅུ་སྟེ་བླ་མ་དགོངས་འདུས་དང་རིག་འཛིན་འཇིགས་མེད་གླིང་པ་ཆོས་རྗེ་ཡིད་བཞིན་ནོར་བུ་སོགས་ཀྱི་དགོངས་པ་བཞིན་ཨོ་རྒྱན་སངས་རྒྱས་གཉིས་པ་ལྷོ་ནུབ་འོ་མ་ཅན་གྱི་མཚོ་ལས་སྐུ་འཁྲུངས་བའི་དུས་ཆེན་དང་། ལྷོ་ནུབ་སྲིན་པོའི་ཡུལ་དུ་གཤེགས་པའི་དུས་ཆེན་ཏེ་དུས་ཆེན་ཁྱད་པར་ཅན་རེད་འདུག་པས། བླ་མ་ཨོ་རྒྱན་ཆེན་པོ་ལ་དད་པའི་ཁ་བ་གངས་ཅན་པ་རྣམས་ཀྱིས་མོས་གུས་ལྟེམ་རྐྱང་མེད་པར་གསོལ་འདེབས་མི་གཅིག་ལྷ་གཅིག་མཛད་པར་ཞུ།

Commenter cet article