Google+
Overblog
Editer l'article Suivre ce blog Administration + Créer mon blog
King Gesar of Ling

King Gesar of Ling with English subtitles: https://www.youtube.com/user/Linglhamo

Today, May 7, 2013, Kathok monastery in Kham Dege...

Publié le 7 Mai 2013 par Ling Lhamo Katic

Today, May 7, 2013, Kathok monastery in Kham Dege...

Today, May 7, 2013, Kathok monastery in Kham Dege was bruned.
ཀཿཐོག་དགོན་པར་མེ་སྐྱོན།
འདོན་སྤེལ། ༢༠༡༣/༠༥/༠༧
དེ་རིང་གནས་ཚུལ་འབྱོར་གསལ་ལ། གཟའ་སྤེན་པའི་སྔ་དྲོར་ཁམས་སྡེ་དགེ་ཀཿཐོག་དགོན་པའི་གྲྭ་ཤག་སྐོར་ཞིག་ལ་མེ་སྐྱོན་བྱུང་ཡོད་འདུག

རྒྱ་གར་ལྷོ་ཕྱོགས་རྣམ་གྲོལ་གླིང་གི་གྲྭ་འཆམ་ར་དྲི་མེད་རྒྱལ་མཚན་ལགས་ཀྱིས་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༤ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༩།༠༠ ཡས་མས་སུ་ཁམས་སྡེ་དགེ་ཀཿཐོག་དགོན་པའི་དགོན་པའི་ནང་མེ་སྐྱོན་བྱུང་སྟེ། དགོན་བདག་བླ་མ་རྨོང་སྤྲུལ་རིན་པོ་ཆེ་མཆོག་གི་གཟིམ་ཤག་དང་གྲྭ་ཤག་ ༡༤ ཙམ་ལ་མེ་སྐྱོན་བྱུང་ཡོད་པ་མ་ཟད། བལ་ཡུལ་ནས་གདན་འདྲེན་ཞུས་པའི་དགོན་པའི་སྐུ་འདྲ་མང་པོ་ཞིག་མེས་ཚིག་ཡོད་འདུག

མེ་སྐྱོན་བྱུང་མ་ཐག་གྲྭ་མང་དང་གཡས་གཡོན་ཀྱི་མི་མང་མཉམ་རུབ་ཀྱིས་མེ་གསོད་ཐབས་བྱས་ཡོད་པ་དང་། དེའི་རྗེས་རྒྱ་གཞུང་གི་མེ་གསོད་རུ་ཁག་འབྱོར་ཏེ་མེ་ཡོངས་སུ་གསོད་ཐུབ་ཙམ་བྱུང་ཡོད་ཀྱང་། ཉེ་བའི་ཆར་མི་ལ་རྨས་སྐྱོན་སོགས་ཀྱི་གནས་ཚུལ་བྱུང་མི་འདུག་ལ། འབྲེལ་ཡོད་བོད་མི་ཞིག་གིས་འདི་གར་གར་བརྗོད་དོན་ལྟར་ན། ཐེངས་འདིའི་མེ་སྐྱོན་དེ་ནི་དགོན་པའི་གློག་སྐུད་འབར་སྐྱོན་བྱུང་ལ་བརྟེན་ནས་བྱུང་བ་ཞིག་ཡིན་འདུག

ཀཿཐོག་དགོན་པ་རབ་བྱུང་གསུམ་པའི་ས་ཡོས་སྤྱི་ལོ་ ༡༡༥༩ ལོར་ཀཿ་དམ་པ་བདེ་གཤེགས་ཀྱིས་ཁམས་དཔལ་ཡུལ་རྫོང་ཧོར་པོ་ས་གནས་སུ་ཕྱག་བཏབ་ཅིང་། བོད་ཁམས་སུ་གསང་སྔགས་སྙིང་མ་པའི་གདན་ས་ཆེན་པོ་དྲུག་གི་ཡ་གྱལ་གྱི་དགོན་པ་ཆེ་ཤོས་དང་། བཤད་སྒྲུབ་གཉིས་ལྡན་གྱི་དགོན་པ་རྙིང་ཤོས་ཤིག་ཡིན་པ་དང་། ད་ལྟའི་ཆར་དགེ་འདུན་པ་ཞལ་གྲངས་ ༥༠༠ ནས་ ༦༠༠ ཙམ་ཡོད་འདུག

Commenter cet article