༼ལྷག་དཀར་གྱི་དོན་དང་དགེ་མཚན༽
ལྷག་དཀར་་་་་ཞེས་པ་དེ་ལྷག་པ་དཀར་པོ་ཞེས་པའི་བསྡུས་ཚིག་ཡིན་ལ།ཆེད་དུ་གཟའ་བདུན་གྱི་ནང་ནས་ལྷག་པ་བདམས་དགོས་པའི་རྒྱུ་མཚན་ནི་བོད་མིའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་༧གོང་ས༧རྒྱལ་བའི་དབང་པོ་མཆོག་གི་བླ་གཟའ་ཡིན་སྟབས།བོད་སྤྱི་ཡོངས་ནས་ཁོང་གི་བླ་གཟའ་ འདི་ལ་གཞན་དང་མི་འདྲ་བའི་རྩ་ཆེན་དང་ཡག་པོ་ཞིག་ལ་བརྩི་སྲོལ་ཡོད་པས་ཡིན་ཞིང༌།དཀར་པོ་ཞེས་པ་ཡང་དག་པ།དྲི་མས་མ་གོས་པ།དྲང་བདེན་སོགས་ཀྱི་མཚོན་རྟགས་ཞིག་ལ་ངོས་འཛིན་བྱེད་པའི་འདུ་ཤེས་ཡོད་པའི་ཆ་ནས་འདི་ལྟར་ལྷག་པ་དཀར་པོའམ་ལྷག་དཀར་ཞེས་བཏགས་པ་རེད
༜དེ་ནི་བོད་ས་ཡོངས་ཀྱི་བོད་མི་ཚོས་ཉེན་ཁ་གང་ཡང་མེད་པའི་ཐོག་ཞི་བའི་ངང་རང་རང་གི་ཉིན་རེའི་འཚོ་ བའི་ལག་ལེན་ཐུབ་པའི་ལས་འགུལ་ཞིག་རེད །ས་ཁུལ་སོ་སོར་ན་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་ལ་ནད་བརྒྱ་སྨན་གཅིག་ཏུ་དགོངས་ནས་ལྷག་དཀར་གྱི་ལས་གཞི་འདི་བརྙེས་པ་ཡིན་པའི།ང་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་ལས་གཞི་འདིས་དམ་བཅའ་རྣམས་ཡོངས་སུ་སྲུང་དགོས་སོ །།
Commenter cet article