དྲ་གྲོགས་ཚོ་སང་ཉིན་ལྷག་དཀར་ཡིན་པས་༼གངས་སེམས་༽མཉེན་དྲའི་སྟེང་གི་ལྷག་དཀར་ཁང་ནས་ལྷག་དཀར་ལ་འབྲེལ་བ་ཡོད་པའི་པར་དང་རྩོམ་ཡིག་འདམས་བཀོད་བྱེད་ཀྱི་ཡིན། དཔེར་ན། ས་ཁུལ་སོ་སོ་ནས་ལྷག་དཀར་ལ་ཚོགས་པ་དང་སྒྲིག་འཛུགས་སམ་མི་སྒེར་སོགས་ཀྱིས་བོད་ལྭ་ཆ་ཚང་གྱོན་པ། བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་པའི་རྣམ་པ། བོད་ཀྱི་དམངས་ཁྲོད་ཟས་མཆོག་དང་བོད་ཟས་ལ་འབྲེལ་བ་ཡོད་པའི་པར་རིས། རྣམ་པ་མི་འདྲ་བའི་བོད་ཚོང་བྱེད་པ་སོགས་ལྷག་དཀར་གྱི་དོན་ཚན་ལྔར་༼བོད་སྐད་བཤད་པ། བོད་ཡིག་བཀོལ་བ། བོད་ལྭ་གྱོན་པ། བོད་ཟས་བཟའ་བ། བོད་ཚོང་བྱེད་པ།༽འབྲེལ་བ་ཡོད་པའི་རྩོམ་ཡིག་བཀོད་ཀྱི་ཡིན། འདྲ་པར་རེ་རེར་གསལ་བཤད་ཡོད་ན་བཟང་། བསྐུར་ས་ཚེ་སྲོག Fstnfzg@gmail.com འཕྲིན་ཕྲན་སྟེང་ལ་བསྐུར་ན་འང་ཆོག 512614536 ནམ་རྒྱུན་གྱི་ལྷག་དཀར་ལ་འདི་ལྟ་བུའི་ལས་འགུལ་སྤེལ་གྱི་ཡིན་པས་ཐུགས་ལ་འཛིན་པར་ཞུ་ཞུ།
Commenter cet article