ནག་ཆུ་ཁུལ་ཐོག་ཉི་མ་ལྷ་ས་ཞེས་པའི་ཟ་ཁང་མདུན་དུ། དེ་རིང་དུས་ཚོད་བཞི་ཙམ་ཞིག་ལ་འབྲི་རུ་བན་དཀར་ནས་ཡིན་པའི་རླངས་འཁོར་གཅིག་དང་ས་ཆ་ག་གེ་མོ་ཞིག་ནས་ཡིན་པའི་རླངས་འཁོར་ཞིག་དང་རྡུང་ཁ་ཐུག་འདུག སྐབས་དེར་འབྲི་རུའི་མི་དེས་ང་གཉིས་རླངས་འཁོར་ཐུག་པ་ལས་མི་ལ་གནོད་སྐྱོན་མ་བྱུང་བ་དེ་ང་གཉིས་ཀྱི་བསོད་ནམ་རེད། འུ་གཉིས་སྒོར་མོ་སྤྲོད་རེས་བྱས་ནས་མཐུན་ཐབས་བྱ་དགོས་ཞེས་ཞུས་འདུག་འོན་ཀྱང་མི་གཞན་པ་དེས་མ་ཉན་པར་ཁུ་ཚུལ་གཉིས་བརྒྱབས་འདུག་མོད། འབྲི་རུ་བན་དཀར་ལས་ཡིན་པའི་མི་དེས་ད་ལྟའི་བོད་ཀྱི་གནས་བབ་ལ་ལྟོས་དང་བདག་ནི་སྤུན་ཟླ་ནང་ཁུལ་ལ་རྒྱག་རེས་མི་བྱེད་པ་དམ་བཅའ་བྱས་ཡོད་པས་ལན་མི་བྱེད་ཅེས་གསུངས་ཏེ་སྒོར་དྲུག་རྒྱ་བྱིན་འདུག ད་དུང་གཞན་པ་དེས་འབྲི་རུའི་ཁྱི་མོ་དང་སྐྱག་ཤོར་སོགས་ངན་སྨྲས་མང་པོ་བྱས་འདུག་ཀྱང་ལན་མ་བྱས་པར་གནས་འདུག གྲོགས་པོ་ཚོ་གཏམ་རྒྱུད་འདིས་དགའ་སྐྱོ་འདྲས་མའི་སྣང་བ་ཞིག་སྦྱིན་ངེས་། 2013ཟླ 3 ཚེས 7 དུས་ཚོད་དྲུག་ལ་ འོམ་གྲོགས་མེད་ནས་བྲིས (རླངས་འཁོར་གཞན་པ་དེ་ཤེས་ཀྱང་མཐུན་འབྲེལ་གྱི་ཆད་དུ་མིང་མ་བྲིས) ཕན་ཚུལ་སྐུར་རོགས་ཞུ་་་་་་་་་་་ཞུ་་་་་་ཞུ།ཕན་ཚུལ་སྐུར་རོགས་ཞུ་་་་་་་་་་་ཞུ་་་་་་ཞུ།
Commenter cet article