ཕྱི་ཟླ་ ༥ པའི་ཚེས་ ༢༡ ཉིན་དགོན་པའི་ཤེས་ཡོན་འགན་འཛིན་ལྷན་ཚོགས་སོགས་ཀྱིས་འགོན་པའི་དགེ་འདུན་པ་སུ་ཞིག་གིས་ཀྱང་རྩོམ་ཡིག་དང་དཔེ་དེབ་ཀྱི་རིགས་སོགས་མདོར་ན་ཤེས་ཡོན་འགན་འཛིན་ལྷན་ཚོགས་ནས་དགོངས་ཁྲོལ་མེད་པར་རྩོམ་ཡིག་གང་བྱུང་སྤེལ་མི་ཆོག་ཅེས་པའི་གསལ་བསྒྲགས་ཤིག་སྤེལ་བར་ཟླ་ ༦ ཚེས་ ༤ ཉིན་སྒོ་ཤེས་རབ་རྒྱ་མཚོས་(ཁ་མི་གྲག་ཀ་མེད་བྱུང་སོང་)ཞེས་པའི་དགག་ཡིག་གི་རྩོམ་ཡིག་ཅིག་སྤེལ་འདུག དེ་ལ་ཤེས་ཡོན་འགན་འཛིན་ལྷན་ཚོགས་ནས་ད་ནས་བཟུང་དགོན་པའི་ཤེས་ཡོན་གྱི་སྐོར་ལ་སྒོ་ཤེས་རབ་རྒྱ་མཚོས་ལས་ཀ་བྱས་ན་ལས་ཁོང་ཚོས་བྱ་རྒྱུ་མིན་ཞེས་ཚོགས་གཏམས་བྱས་ཏེ་ཉིན་ཤས་ཕྱིན་འདུག་པར་ཁ་སང་ཚེས་ ༩ ཉིན་སྒོ་ཤེར་གྱིས་(དབང་མེད་ཐབས་མེད་དུ་ཕུལ་བའི་གྱེས་ཕྱག་)ཅེས་པའི་རྩོམ་ཡིག་ཅེས་བྲིས་ཏེ་ཁོ་རང་དགོན་པ་ནས་ཕྱིན་འདུག དེ་རིང་ད་དུང་འདིའི་སྐོར་ལ་དགོན་པས་དགེ་བསྐོས་ནས་ཤེས་ཡོན་འགན་འཛིན་ལྷན་ཚོགས་ཀྱིས་ལས་དོན་མུ་མཐུད་སྒུབ་དགོས་པ་ལས་རང་འགར་བསྡད་ན་མི་འགྲིག་པ་སོགས་ཀྱི་ཚོགས་གཏམས་དང་གྲྭ་མང་ནང་ལ་སུ་ལན་འདི་ལན་སོགས་ཀྱི་སྐད་ཆ་མང་པོ་ཞིག་ཤོད་ཀྱིན་པ་ལས་དགོན་པའི་གཞུང་ནས་ཐག་གཅོད་ཀྱི་ཡིག་ཆ་སོགས་གང་ཡང་ཐོན་མི་འདུག
Commenter cet article