Google+
Overblog Tous les blogs Top blogs Politique Tous les blogs Politique
Editer l'article Suivre ce blog Administration + Créer mon blog
MENU
King Gesar of Ling

King Gesar of Ling with English subtitles: https://www.youtube.com/user/Linglhamo

མདོ་སྨད་མགོ་ལོག་རིས་མེད་འཇང་ཆོས་ཆེན་མོ་ཐེངས་བཅུ་བཞི་པའི་ཉིན་བརྒྱད་པར་སེར་བྱེས་ལྷ་རམ་པ་འཕགས་བོད་ཀྱི་༧དགེ་བའི་བཤེས་གཉེན་ཆེན་མོ་འཇམ་དཔལ་བློ་ཤེས་མཆོག་གིས་བཀའ་སློབ་གནང་དོན་ཕན་ཚུན་འབྲེལ་བ་བྱེད་པ་དེ་མཐུན་ལམ་གྱི་རྩ་བ་ཡིན་པས་ད་རེས་རིམ་པས་མདོ་སྟོད་སྨད་ཕན་ཚུན་འབྲེལ་བ་བྱེད་ཐུབ་པ་དེ་ཆོལ་གསུམ་རྡོག་རྩ་གཅིག་སྒྲིལ་ཡོང་བའི་རྩ་བ་ཡིན་པ་དང་།...

Publié le 5 Juin 2013 par Ling Lhamo

མདོ་སྨད་མགོ་ལོག་རིས་མེད་འཇང་ཆོས་ཆེན་མོ་ཐེངས་བཅུ་བཞི་པའི་ཉིན་བརྒྱད་པར་སེར་བྱེས་ལྷ་རམ་པ་འཕགས་བོད་ཀྱི་༧དགེ་བའི་བཤེས་གཉེན་ཆེན་མོ་འཇམ་དཔལ་བློ་ཤེས་མཆོག་གིས་བཀའ་སློབ་གནང་དོན་ཕན་ཚུན་འབྲེལ་བ་བྱེད་པ་དེ་མཐུན་ལམ་གྱི་རྩ་བ་ཡིན་པས་ད་རེས་རིམ་པས་མདོ་སྟོད་སྨད་ཕན་ཚུན་འབྲེལ་བ་བྱེད་ཐུབ་པ་དེ་ཆོལ་གསུམ་རྡོག་རྩ་གཅིག་སྒྲིལ་ཡོང་བའི་རྩ་བ་ཡིན་པ་དང་།...

མདོ་སྨད་མགོ་ལོག་རིས་མེད་འཇང་ཆོས་ཆེན་མོ་ཐེངས་བཅུ་བཞི་པའི་ཉིན་བརྒྱད་པར་སེར་བྱེས་ལྷ་རམ་པ་འཕགས་བོད་ཀྱི་༧དགེ་བའི་བཤེས་གཉེན་ཆེན་མོ་འཇམ་དཔལ་བློ་ཤེས་མཆོག་གིས་བཀའ་སློབ་གནང་དོན་ཕན་ཚུན་འབྲེལ་བ་བྱེད་པ་དེ་མཐུན་ལམ་གྱི་རྩ་བ་ཡིན་པས་ད་རེས་རིམ་པས་མདོ་སྟོད་སྨད་ཕན་ཚུན་འབྲེལ་བ་བྱེད་ཐུབ་པ་དེ་ཆོལ་གསུམ་རྡོག་རྩ་གཅིག་སྒྲིལ་ཡོང་བའི་རྩ་བ་ཡིན་པ་དང་། རེ་སྐུལ་གཅིག་ཡོད་པ་ནི་སྔོན་གྱི་ཆོ་ག་ཕྱག་ལེན་གཞི་གཞག་བྱས་ནས་རིག་གནས་ལ་སློབ་སྦྱོངས་བྱེད་དགོས་ཚུལ་བླ་མ་དགེ་བའི་བཤེས་གཉེན་ཚོས་ངེས་པར་དགེ་ཕྲུག་ཚོ་བྱམས་བརྩེས་སྐྱོངས་ནས་མ་འོངས་པར་རྐང་པ་གཉིས་ཐོགས་སྤྱི་ཚོགས་པའི་ཁྲོད་དང་དགེ་འདུན་པའི་ཁྲོད་དུ་ཡར་ལངས་ཐུབ་པར་བྱས་ནས་རྩོད་པ་བྱས་ན་ཐད་ཀར་རྩོད་པར་བྱེད་ཐུབ་པ་གཅིག་དང་ཆོས་འཆད་ན་ཡང་འཆད་ཐུབ་པ་སྐད་ཆ་བཤད་ན་ཡང་བཤད་ཐུབ་པར་སོགས་བྱེད་དགོས་ཚུལ། རྒྱ་བོད་ཀྱི་སྐད་ཡིག་དང་ཡི་གེ་འབྲི་ཀློག་ཤེས་དགོས་ཚུལ། སྟོད་ན་སྐྱ་གོས་དང་སྨད་སེར་གོས་གྱོན་ནས་ཚོང་བྱེད་པ་དང་ཉ྄ིན་གྲ་པ་དང་མཚན་ཁྱིམ་པ་བྱེད་མི་རུང་ཚུལ། དཔལ་འབྱོར་འགྲོ་སོངས་བྱེད་པ་དེ་ས་དང་རྡོ་ལ་འགྲོ་སོངས་ཙམ་མ་ཡིན་པར་མིའི་ཐོགས་ལ་འགྲོ་སོངས་བྱས་ནས་སློབ་སྦྱོངས་དགོས་ཚུལ། འཇང་ཆོས་འཚོགས་ནས་རྩོད་པར་བྱེད་པ་ནི་སྔོན་ཆ་བ་ཆོས་སེང་ནས་བོད་དུ་རྩོད་པའི་སྲོལ་ཕྱེ་བ་ནས་བྱུང་བ་ཡིན་པ་སོགས་ལོ་རྒྱུས་དུ་མ་སྦྱར་ཏེ་གསུངས། རྩོད་པའི་སྙིང་པོ་ནི་རྩེད་མོ་བྱེད་པ་དང་ཁེ་ཕམ་ཙམ་མ་ཡིན་པར་གཞུང་ཚིག་རེ་རེ་ནས་ཞིབ་ཚག་བྱས་ནས་རྩོད་པ་བྱས་ནས་གསུང་རབ་ཀྱི་དོན་རྩོད་པའི་ཐོགས་ནས་ཤེས་དགོས་ཚུལ། བསྟན་པ་འཛིན་སྐྱོངས་བྱེད་པ་ལ་ཤེས་ཡོན་དགོས་ཚུལ་སོགས་ཟབ་རྒྱས་བཀའ་སློབ་སྩལ་བ་ལས་དེ་ཙམ་ལས་འབྲི་བར་མ་ཁོམས་སོ།

Publicité
Commenter cet article