Google+
Overblog Tous les blogs Top blogs Politique Tous les blogs Politique
Editer l'article Suivre ce blog Administration + Créer mon blog
MENU
King Gesar of Ling

King Gesar of Ling with English subtitles: https://www.youtube.com/user/Linglhamo

ཞི་ཅིན་ཕིན་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་འོས་པར་བཤད།...

Publié le 4 Avril 2013 par Ling Lhamo Katic

ཞི་ཅིན་ཕིན་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་འོས་པར་བཤད།

སེམས་སྡུག་ནས་ཡོད་པའི་ལོ་མགོ་འདིར་སྐད་ཆ་སྙན་པོ་ཞིག་གོ་ཡོང་བ་ནི་རྒྱ་ནག་གཞུང་གིས་སྔོན་ཆད་མའོ་ཙེ་ཏུང་གི་རིང་ནས་བཙུགས་པའི་ཁྲིམས་འགལ་གྱི་བཙོན་ཁང་ ༣༥༠ དེར་སྒྱུར་བཅོས་གཏོང་རྒྱུ་ཡིན་པ་དང་། བཙོན་པ་མང་པོ་ཞིག་གློད་གྲོལ་གཏོང་བ་སོགས་རེད། གནས་ཚུལ་དེ་ཐོག་མར་ནེའུ་ཡོག་དུས་བབ་ཀྱིས་སྤེལ་བ་དང་། དེའི་འཕྲོར་རོའུ་ཊར་གསར་འགྱུར་ཁང་། དེ་ནས་ཨེ་ཤ་ཡའི་གསར་འགྱུར་ཁང་། རྒྱ་ནག་གིི་མི་དམངས་ཉིན་རེའི་གསར་འགྱུར་བརྒྱུད་ལམ་ལ་ཡང་སྤེལ་འདུག རྒྱ་ནག་གི་མཐོ་རིམ་དཔོན་པོ་ཚོའི་སྐད་ཆ་ལུང་དུ་ཡང་དྲངས་འདུག བཅོས་སྒྱུར་འདི་ཞི་ཅིན་ཕེན་སྲིད་འཛིན་ལ་བསྡད་པའི་དུས་སྟོན་ཉིན་ནས་མགོ་འཛུགས་རྒྱུ་ཡིན་པ་དང་། མིའི་རིགས་ཀྱི་བདེ་རྩ་དང་འབྲེལ་བའི་འཕེལ་རིམ་གལ་ཆེན་དང་། འདི་ནི་དུས་རབས་ཉེར་གཅིག་པའི་ནང་གི་དགའ་དགོས་པའི་བྱ་བ་ཞིག་ལ་ངོས་འཛིན་བྱེད་ཀྱིན་འདུག གནས་ཚུལ་དེ་དག་གི་ནང་དུ་བོད་མི་ཚོའི་རང་ལུས་མེར་སྲེག་དང་ཡུ་གུར་མི་རིགས་ཀྱི་བདེ་སྡུག་ཀྱང་བཀོད་འདུག དེ་ལྟར་ཞི་ཅིན་ཕིན་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་འོས་པའི་བསམ་ཚུལ་ཡང་འདོན་གི་འདུག འདི་ནི་གནས་ཚུལ་ཡག་པོ་ཞིག་ཡིན་སྟབས་འདིར་རག་བསྡུས་སུ་སྤེལ་བ་ཡིན། རྩམ་གྱིས།

Publicité
Commenter cet article