འབར་མའི་ནང་དུ་ཁ་ཆེ་དང་ནང་པའི་བར་སླར་ཡང་འཁྲུག་འཛིང་བྱུང་ཏེ་མི་ ༢༠ ཙམ་རྐྱེན་ལམ་དུ་ཕྱིན་ཡོད་འདུག
དེ་རིང་ཚེས་ ༢༢ ཉིན་རྒྱ་གར་དུས་བབ་དྲ་བས་གནས་ཚུལ་སྤེལ་བར། འབར་མའི་ནང་དུ་ནང་པ་དང་ཁ་ཆེ་བར་འཁྲུག་རྩོད་བྱུང་ཏེ་མི་ ༢༠ ཙམ་ཞིག་རྐྱེན་ལམ་དུ་བཏང་ཡོད་པ་དང་དེ་གའི་མང་ཚོགས་རང་རང་གི་ཁྱིམ་དུ་གབ་ནས་ཡོད་པར་བཤད་འདུག
འབར་མའི་རྒྱལ་ཡོངས་དམངས་གཙོ་མཐུན་ཚོགས་(National League for Democracy)ཀྱི་ཁྲིམས་བཟོ་བ་བེན་ཀྲེན་(Win Htein)གྱིས་ཁ་པར་བརྒྱུད་གནས་ཚུལ་བརྗོད་གསལ་ལྟར་ན། ཉེ་སྔོན་གཟའ་ལྷག་པའི་ཉིན་ཟིང་འཁྲུག་བྱུང་བ་ནས་བཟུང་ད་བར་དུ་ཉུང་མཐར་ཡང་ཁ་ཆེ་ལྷ་ཁང་ལྔ་ཙམ་མེར་བསྲེགས་བཏང་ཡོད་པ་དང་།
གནས་སྐབས་རིང་དོན་རྐྱེན་གང་ཡང་འབྱུང་གི་མེད་ན་ཡང་གནས་སྟངས་སྔར་བཞིན་ཧ་ཅང་ཛ་དྲག་ཡིན་སྟབས་སྲང་ལམ་དུ་འགྲོ་བར་ཞེད་སྣང་འདུག་ཟེར། གཞུང་ཕྱོགས་ཀྱི་མེ་གསོད་རུ་ཁག་ཁ་ཆེའི་ལྷ་ཁང་དང་སྡོད་གནས་མེ་འབར་བཞིན་པ་མྱུར་སྐྱོབ་བྱེད་དུ་ཡོང་ཡང་ནང་པའི་གྲྭ་བ་ཚོ་དང་མི་མང་གིས་བཀག་འགོག་བྱས་ཡོད་འདུག
དོན་རྐྱེན་འདི་ན་ནིང་འབར་མའི་ནུབ་ཕྱོགས་མངའ་སྡེ་རཱ་ཁེན་ནས་(western Rakhine)བྱུང་བ་ཞིག་ཡིན་པ་དང་ད་བར་མི་ ༢༠༠ ལྷག་རྐྱེན་འདས་སུ་ཕྱིན་ཡོད་འདུག
Commenter cet article