Google+
Overblog Tous les blogs Top blogs Politique Tous les blogs Politique
Editer l'article Suivre ce blog Administration + Créer mon blog
MENU
King Gesar of Ling

King Gesar of Ling with English subtitles: https://www.youtube.com/user/Linglhamo

ཡ་གྲོགས་པོ་རྣམ་པ་གཙོ་བོར་གྱུར་བའི་དྲྭ་སྟེང་གི་གྲོགས་པོ་ཡོངས་ལ་ལྷག་དཀར་གྱི་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།...

Publié le 10 Avril 2013 par Ling Lhamo Katic

ཡ་གྲོགས་པོ་རྣམ་པ་གཙོ་བོར་གྱུར་བའི་དྲྭ་སྟེང་གི་གྲོགས་པོ་ཡོངས་ལ་ལྷག་དཀར་གྱི་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།...

ཡ་གྲོགས་པོ་རྣམ་པ་གཙོ་བོར་གྱུར་བའི་དྲྭ་སྟེང་གི་གྲོགས་པོ་ཡོངས་ལ་ལྷག་དཀར་གྱི་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ༡བོད་སྐད་བཤད་པ། ༢ བོད་ཡིག་སློབ་པ་དང་བཀོལ་བ། ༣ བོད་ལྭ་གྱོན་པ། ༤བོད་ཟས་ཟ་བ། ༥བོད་ཚོང་བྱེད་པ་བཅས་ནི་ལྷག་དཀར་གྱི་ལས་འགན་རེད།
བོད་པ་ཞིག་ཡིན་ཚེ་སྐད་ཆ་གཙང་མ་ཞིག་བཤད་ན་མི་འདོད་པ་དང་ཡི་གེ་དག་མ་ཞིག་འབྲི་ན་མི་འདོད་མཁན་ཡོད་ཀྱི་མ་རེད། སྐད་ཡིག་གི་སྟེང་ནས་བྱ་བ་སྒྲུབ་འདོད་པ་ནི་དེ་བས་ལོས་འདོད། དེ་ལྟར་འདོད་ན། དྲྭ་སྟེང་གི་མི་རེ་རེས་ཁྱེར་འཕྲིན་10086.དང་ འབྲེལ་འཕྲིན10010 གློག་འཕྲིན10000བཅས་ཀྱི་ཞབས་ཞུ་ཁང་ལ་ཁ་པར་བཏང་ནས་བོད་སྐད་བོད་ཡིག་གི་ཞབས་ཞུའི་མ་ལག་འཛུགས་དགོས་པའི་རེ་འདོད་ཐོན་དང་ཁྱེད་དང་ང་ཚོའི་རེ་འདོད་འགྲུབ་པ་མ་ཟད། དེ་ལས་མང་བའི་སློབ་གྲོགས་དག་ལ་བྱ་བ་ཡང་ཐོབ་ངེས། འདི་ནི་ཁྱེད་དང་ངའི་ཕྲག་སྟེང་དུ་བབས་པའི་འོས་འགན་ཡིན་ལ། འོས་འགན་འདི་ལྟ་བུ་ཞིག་ང་ཚོས་ཀྱང་སྒྲུབ་ཐུབ་ངེས།
ཞེས་ཚེ་སྲོག་ནས་གྲོགས་པོ་ཚོར་ཕུལ།

Publicité
Commenter cet article