Google+
Overblog Tous les blogs Top blogs Politique Tous les blogs Politique
Editer l'article Suivre ce blog Administration + Créer mon blog
MENU
King Gesar of Ling

King Gesar of Ling with English subtitles: https://www.youtube.com/user/Linglhamo

སྦར་བསིལ་སྐུ་ཚབ་དོན་གཅོད་ཁང་དང་སྦེལ་རྗམ་བོད་རིགས་ཚོགས་པ་ཐུན་མོང་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ཟབ་སྦྱོང་ཐེངས་དང་པོ།...

Publié le 8 Juin 2013 par Ling Lhamo

སྦར་བསིལ་སྐུ་ཚབ་དོན་གཅོད་ཁང་དང་སྦེལ་རྗམ་བོད་རིགས་ཚོགས་པ་ཐུན་མོང་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ཟབ་སྦྱོང་ཐེངས་དང་པོ།...

སྦར་བསིལ་སྐུ་ཚབ་དོན་གཅོད་ཁང་དང་སྦེལ་རྗམ་བོད་རིགས་ཚོགས་པ་ཐུན་མོང་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ཟབ་སྦྱོང་ཐེངས་དང་པོ།
དེ་རིང་ཕྱི་ལུགས༢༠༡༣/༦/༨ཉིན་ཡུ་རོབ་རྒྱལ་ཁབ་སྤྱིའི་གྲོས་ཚོགས་ས་ཚུགས་སྦེལ་རྗམ་གྱི་རྒྱལ་ས་སྦར་བསིལ་ནས་ཚོགས་སོང་།
འཆད་ཁྲིད་པ་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་ལགས་དང་། གདན་ཞུའི་འཆད་ཁྲིད་པ་ཧྥ་རན་སི་རྒྱལ་ཁབ་ནས་ཆེད་དུ་ཕེབས་པའི་བོད་མི་མང་སྤྱི་ཟུར་དགེ་རྒན་ཆེན་མོ་ཆབ་བྲག་ལྷ་མོ་སྐྱབས་རྣམ་པ་གཉིས་ཀྱིས། ལམ་དབུ་མའི་བྱུང་རིམ་ངོ་སྤྲོད་དང་དེའི་སྦྱོར་དངོས་རྗེས་གསུམ་གྱི་གལ་ཆེན་རང་བཞིན ། ཐབས་ལམ་འདི་སོགས་ཆབ་སྲིད་ལངས་ཕྱོགས་གང་ཡིན་ཡང་།གོ་མྱོང་རྟོགས་གསུམ་གྱིས་རྒྱུ་མཚན་ཤེས་པའི་ཐོག་ནས་འཇུག་ལྡོག་བྱེད་དགོས་པ་ལས་མ་གོ་ལོག་གོ་དང་། ཅོལ་ཆུང་གཡམ་རྒྱུག་སོགས་ལ་ཁུངས་འཁྱོལ་ཕུགས་ཐུབ་ཆེར་མེད་ཚུལ་སོགས།ཁ་གསལ་དོན་གནས་འཛིན་བདེ་བའི་འཁྲིད་ཐབས་སྤྱད་དེ་མི་མང་ལ་ལམ་སྟོན་གནང་བ་དང་། དེའི་སྐོར་གྱི་བརྙན་འཁོར་ཟེར་སྡེར་དང་བོད་དབྱིན་རྒྱ་གསུམ་གྱི་སྐད་ཡིག་ཐོག་ཡིག་ཆ་དཔེ་དེབ་རིན་མེད་ཐོག་གནང་སྤེལ་བྱས་སོང་། བར་གསེང་གཉིས་ཀྱི་གསོལ་ཇ་དང་ཉིན་གུང་གི་རང་འདེམས་ཞལ་ལག་ཚུལ་མཐུན་ཞིག་ཀྱང་བཀོད་སྒྲིག་བྱས་འདུག

Publicité
Commenter cet article