འགྲུལ་བཞུད།
གཞས་ཚིག གདུགས་བྷེ།
ལེན་མཁན། གདུགས་བྷེ།
1,ང་སོ་བུ་ཆུང་མ་སོང་བུ་ཆུང་སོང་།
ང་སོ་བུ་ཆུང་རྒྱ་གར་ཡུལ་ལ་སོང་།
རྗེ་སོ་བླ་མར་དད་ཕྱག་འཚལ་ནས་ཡོང་།
བོད་སོ་ཁ་བའི་སྐྱིད་སྡུག་ཞུས་ནས་ཡོང་།
2,ང་ས་ོ་བུ་ཆུང་མ་སོང་བུ་ཆུང་སོང་།
ང་སོ་བུ་ཆུང་རྡོ་རྗེ་གདན་ལ་སོང་།
གནས་སོ་རྩ་ཆེན་ཞལ་འཇལ་བྱས་ནས་ཡོང་།
ཚེ་སོ་འདི་ཕྱི་སྨོན་ལམ་བརྒྱབས་ནས་ཡོང་།
3,ང་སོ་བུ་ཆུང་མ་སོང་བུ་ཆུང་སོང་།
ང་སོ་བུ་ཆུང་དྷ་རམ་ས་ལ་སོང་།
གནས་སོ་སྐྱབས་བཅོལ་བོད་མིར་འགྲོག་ནས་ཡོང་།
ལས་སོ་སྐྱིད་སྡུག་མཉམ་རུབ་བྱས་ནས་ཡོང་།
Commenter cet article