Google+
Overblog Tous les blogs Top blogs Politique Tous les blogs Politique
Editer l'article Suivre ce blog Administration + Créer mon blog
MENU
King Gesar of Ling

King Gesar of Ling with English subtitles: https://www.youtube.com/user/Linglhamo

གླིང་གི་དཔའ་བརྟུལ་སུམ་ཅུ་སོགས་ཀྱི་བཞེངས་གཞིའི་མཚན་གྱི་རྣམ་གྲངས།...

Publié le 15 Février 2014 par Ling Lhamo

གླིང་གི་དཔའ་བརྟུལ་སུམ་ཅུ་སོགས་ཀྱི་བཞེངས་གཞིའི་མཚན་གྱི་རྣམ་གྲངས།
༈ ཕ་ཁུ་རྒན་རབས།
སྤྱི་དཔོན་རོང་ཚ་ཁྲ་རྒན། འདོ་བ་ཤྭ་རྐྱང་དྲེལ་མགོ། གྲོ་བོ་སྐྱ།
ཡབ་ཆེན་སེང་བློན་རྒྱལ་པོ། འདོ་བ་ཁམས་པ་དངུལ་སྒོང་། བྲ་བོ་སྐྱ།
སྟག་རོང་དཔོན་པོ་ཁྲོ་ཐུང་། འདོ་བ་གུ་གུ་རོག་འཛོང་། སེར་པོ་སྐྱ།
སྐྱ་ལོའི་སྟོན་པ་རྒྱལ་མཚན། འདོ་བ་དགུ་བརྒྱ་རྭ་གཅིག གྲོ་སྔོན་སྐྱ།
༈ དཔོན་རྒྱུད་གསུམ།
གསེར་བའི་ཉི་འབུམ་དར་ཡག འདོ་བ་ངང་བ་གསེར་སྒོང་།
འོམ་བུའི་ཨ་ནུ་དཔའ་སེང་། ཁྱུང་དམར་རླུང་གི་འཕྲུལ་འཁོར། ཁམས་པ་སྐྱ།
མུ་སྤྱང་རིན་ཆེན་དར་ལུ། ཆུ་བྱ་སྔོན་པོ་འཕུར་ཤེས། ར་སྔོན་སྐྱ།
༈ ཡང་ཐུལ་དམ་པའི་མི་བདུན།
འབྲུ་སྒ་བདེ་ཆོས་སྐྱོང་བེར་ནག མགྱོགས་པ་རླུང་ནག་རྗེས་གཅོད། ནག་པོ་སྐྱ།
སྟག་རོང་ཨ་ནུ་གཟིག་འཕེན། མགྱོགས་པ་ཕོ་རོག་སྟོང་འཆམས། ནག་པོ་སྐྱ།
འབུམ་པའི་ཞ་ལུ་དཀར་པོ། འདོ་བ་རྒྱ་བྱ་སོག་དཀར། དཀར་པོ་སྐྱ།
བློན་ཆེན་འདན་མ་བྱང་ཁྲ། རྩལ་ཆེན་དངོས་གྲུབ་ལྡེམ་པ། སྔོན་པོ་སྐྱ།
རྒོད་པོ་སེང་སྟག་ཨ་དོམ། སྟོང་རི་ནོར་གྱི་བང་མཛོད། དཀར་པོ་སྐྱ།
གདོང་ཆོས་ལུ་བུ་ཡི་དར་འཕེན། མགྱོགས་པ་སྨུ་གུ་ལྡིང་ཤེས། འོལ་བ་སྐྱ།
སྟག་རོང་ཉ་ཚ་ཨ་བརྟན། མགྱོགས་པ་གངས་རི་ལྡིང་ཤེས། དཀར་པོ་སྐྱ།
༈ རྒྱལ་མཚན་ཐོག་པའི་མི་བཞི།
དཀར་རུའི་ཉི་མ་རྒྱལ་མཚན། རྟ་དཀར་ལུ་གུ་འཆམ་ཤེས། དཀར་པོ་སྐྱ།
ནག་རུའི་ཐར་བ་རྒྱལ་མཚན། འདོ་བ་སྤྲིན་གཤོག་མགྱོགས་ལྡན། སྔོན་པོ་སྐྱ།
འདན་མའི་གུ་རུ་རྒྱལ་མཚན། མགྱོགས་པ་མཚོ་རྟ་རྔ་རིང་། སྔོན་པོ་སྐྱ།
ཨ་ཡག་ཤཱཀྱ་རྒྱལ་མཚན། འདོ་བ་གྲོ་ཞུར་ཐིག་བརྒྱ། དཀར་པོ་སྐྱ།
༈ ངོ་ལུག་ཐོག་པའི་མི་གསུམ།
སྟག་རོང་སྲིན་ཚ་ངོ་ལུག རཀ་དཀར་རླུང་གི་འཁོར་ལོ། རག་དཀར་སྐྱ།
ཨ་གེ་ཚངས་པའི་ངོ་ལུག ཀླུ་རྟ་སྔོན་པོ་མཐིང་གཤོག གྲོ་སྔོན་སྐྱ།
མུ་པའི་དར་འཛོམས་ངོ་ལུག མགྱོགས་པ་ལྷ་བྱ་ལྡིང་ཤེས། དཀར་པོ་སྐྱ།
༈ ལྕགས་ནག་དཔོན་པོ་སིང་སིང་། འདོ་བ་བྱ་ནག་ལྡིང་ཤེས། ནག་པོ་སྐྱ།
གཟུ་ཆེན་ཝེར་མ་ལྷ་དར། གཟུ་རྟ་གྭ་བ་འཆམ་ཤེས། ནག་ཞུར་སྐྱ།
འོམ་བུའི་སྤྱང་ཁྲི་རྔམ་ཆེན། སོག་རྟ་ཕོ་རོག་སྟོང་འཆམ། ནག་པོ་སྐྱ།
གདོང་བཙན་སྣང་ངུ་ཨ་དཔལ། མགྱོགས་པ་གཡུ་བྱ་རྟེའུ་སྔོན། ། སྔོན་པོ་སྐྱ།
མི་ཆེན་རྒྱལ་བ་ལྷུན་གྲུབ། འདོ་བ་ཉ་མོ་གསེར་མིག དཀར་པོ་སྐྱ།
བརྒྱ་དཔོན་བནྡེ་དམར་ལུ། མགྱོགས་རྟ་གྭ་བ་ཁེར་རྒྱུག ཁམས་པ་སྐྱ།
མུ་བའི་ཤེལ་དཀར་རྒྱང་གྲགས། འདོ་ཆེན་སྤྲིན་དཀར་མཐོང་མཛེས། དཀར་པོ་སྐྱ།
སྟག་རོང་ཁྲོ་རྒྱལ་བེར་དཀར། མགྱོགས་རྟ་རག་པ་འཕུར་ཤེས། དཀར་པོ་སྐྱ།
ཡ་ཐའི་སྐྱེས་མཆོག་ཐར་བ། འདོ་བ་བྲ་ནག་ཡ་མེད། བྲ་བོ་སྐྱ།
ཨ་འབར་བུ་ཡི་འཕེན་སྟག འདོ་བ་རླུང་ནག་འཚུབ་ཤེས། ནག་ཞུར་སྐྱ།
ཉིན་རྫོང་དཔོན་པོ་ལྷ་ཀླུ། འདོ་བ་མཚལ་ལུ་འཕུར་ཤེས། དམར་ཞུར་སྐྱ། མི་སྔོན
སྐྱ་ལོའི་ཁྱེའུ་འབྲུག་རྒྱལ། འདོ་བ་ཆུ་བྱ་རྩལ་ལྡན། གྲོ་ཞུར་སྐྱ།
བྱ་ཆེན་ཀརྨ་དགྲ་འདུལ། འདོ་བ་གླག་ནག་རྩལ་ལྡན། ནག་པོ་སྐྱ།
འབུམ་དཔོན་ཐོག་རྒོད་འབར་བ། འབུམ་རྟ་དམར་པོ་རླུང་གཤོགདམར་པོ་སྐྱ།
སྒ་སྟོང་དཔོན་ཡ་མི་སྭོ་ཁྲ། བཙན་རྟ་མེ་རུ་རླུང་གཤོག དམར་པོ་སྐྱ།
སྐྱེ་ཡག་ཉི་མ་རང་ཤར། སྟོང་རི་གཡུ་རྡོ་སྔོན་པོ། གྲོ་སྔོན་སྐྱ།
མོ་མ་ཀུན་ཤེས་ཐིག་པོ། འདོ་བ་ངང་དཀར་འཁྱུག་ཤེས། ངང་དཀར་སྐྱ།
ལྷ་རྗེ་ཀུན་དགའ་ཉི་མ། མགྱོགས་རྟ་རླུང་གི་འཕྲུལ་འཁོར། ཟག་དཀར་སྐྱ།
གླིང་ཕ་ཁུ་རྒན་རབས་མི་བཅུ།
སྤྱི་དཔོན་རོང་ཚ་ཁྲ་རྒན། འདོ་བ་ཤྭ་རྐྱང་དྲེལ་མགོ། གྲོ་བོ་སྐྱ།ཡབ་ཆེན་སེང་བློན་རྒྱལ་པོ། འདོ་བ་ཁམས་པ་དངུལ་སྒོང་། བྲ་བོ་སྐྱ།
སྟག་རོང་དཔོན་པོ་ཁྲོ་ཐུང་། འདོ་བ་གུ་གུ་རོག་འཛོང་། སེར་པོ་སྐྱ། སྐྱ་ལོའི་སྟོན་པ་རྒྱལ་མཚན། འདོ་བ་དགུ་བརྒྱ་རྭ་གཅིག གྲོ་སྔོན་སྐྱ།
ཨ་སྐྱིད་ནམ་མཁའ་སེང་ཞལ། འདོ་བ་སྤྱང་ཐུང་བཅུམ་ཤེས། སྔོན་པོ་སྐྱ། མདའ་མཁན་རྒས་པོ་རྒུ་རུ། རྒུར་རྟ་གྭ་བ་ཁྲི་སྐྱིད། ནག་ཞུར་སྐྱ།
ཨ་ཁུ་སྒོམ་ཆེན་གཏིང་མེད། སྔགས་པའི་གཟའ་རྟ་མིག་མང་། ཁམས་ནག་སྐྱ། ཤེས་ཆེན་ར་དཀར་སྟོན་པ། འདོ་བ་གྲོ་ལོ་ཐོད་མཛེས། དཀར་པོ་སྐྱ།
གདོང་རྗེ་ཕྲུ་དམར་བཙན་པོ། བཙན་རྟ་གློག་དམར་འཁྱུག་ཤེས། དམར་པོ་སྐྱ། དཀོན་མཆོག་ཆོས་ཀྱི་འབྱུང་གནས། འདོ་བ་ངང་དཀར་གཡང་ལྡན། དཀར་པོ་སྐྱ། ༈གླིང་སྟོད་སྨད་གོ་ཆོད་མི་གསུམ། བོད་ཕྲུག་མི་ཆུང་ཁ་བདེ། འདོ་བ་དམར་ཆུང་འགྲོས་ལྡན། དམར་པོ་སྐྱ།
གོ་ཆོད་དཔའ་རྒྱལ་སྟག་གཡུ། འདོ་བ་གཡང་གི་དུང་ཁྲི། ཁྲ་བོ་སྐྱ། ཨ་ཁོད་ཐར་བའི་ཟོར་རྣ། འདོ་བ་རྐྱང་ཁྲ་རྔོག་ཡག རྐྱང་པོ་སྐྱ། ༈
གླིང་གི་གཅེས་ཕྲུག་བཅུ་གསུམ། སྤྱི་དཔོན་སྣང་ཆུང་གཡུ་སྟག འདོ་བ་གྲོ་སྨུག་དར་འཛོམས། དཀར་པོ་སྐྱ།
འབུམ་པའི་དགྲ་བླ་རྩེ་རྒྱལ། བྱ་རྟ་སྔོན་མོ་རླུང་གཤོག སྔོན་པོ་སྐྱ།
སྐྱ་སྲས་སྣང་གསལ་གཡུ་སྟག འདོ་བ་གཡུ་འབྲུག་སྤྲིན་གཤོག གྲོ་བོ་སྐྱ།
འབྲུ་སྲས་ནམ་མཁའི་ཐོག་རྒྱལ། འདོ་ཆེན་ནག་ཁྲ་གློག་འཁྱུག ནག་པོ་སྐྱ།
འདན་སྲས་གཡུ་འོད་འབུམ་མེ། འདོ་བ་གཡུ་བྱ་རླུང་ཤུགས། སྔོན་པོ་སྐྱ།
ཁྲ་གདོང་བསྟན་འཛིན་གྲགས་པ། འདོ་བ་རག་པ་གཡུ་རྔོག རག་དཀར་སྐྱ།
རོང་སྲས་ལྷ་རྒོད་འབུམ་ལུ། ཆིབས་ཆེན་གློག་དམར་ལྡེམ་ཤེས། ཁམས་པ་སྐྱ།
རྒྱལ་སྲས་མ་ཎི་ཀ་ར། འདོ་བ་གཡང་རྟ་ཁྲི་འཛོམ། སེར་པོ་སྐྱ།
འབྲུ་མི་དཀར་ལྷ་བུ་བསམ་འགྲུབ། འདོ་བ་མཚོ་བྱ་ངང་དཀར་། ངང་དཀར་སྐྱ།
ནུ་བོ་རོང་ཚ་དམར་ལེབ། མགྱོགས་པ་སྔོ་ཁྲ་ཁ་དཀར། གྲོ་ཁྲ་སྐྱ།
བཅོ་ལྔའི་དཔའ་སར་ཟླ་བ། ལྷ་རྟ་དཀར་པོ་ཁྲི་འཆམ། གྲོ་དཀར་སྐྱ།
སྟག་ཕྲུག་ནོར་བུ་རྩེ་རྒྱལ། འདོ་བ་ཤྭ་སྐྱ་མགྱོགས་ལྡན། གྲོ་བོ་སྐྱ།
གུང་བ་བུ་ཡི་སྐྱ་ཁྲ། འདོ་བ་མེ་རུ་འཚུབ་ཤེས།
གླིང་སྔ་རབས་སྟེ་ལྷ་སྲས་ཇོ་རུ་ཁྲི་ལ་འཁོད་སྐབས་ཀྱི་དཔའ་རྟུལ་འདི་དག་ནི་གཙོ་བོ་འཇམ་དབྱངས་བླ་མ་མི་ཕམ་རིན་པོ་ཆེའི་ཞལ་སློབ་ཁམས་ཀྱི་སྒྲུང་ཆེན་འགྱུར་མེད་ཐུབ་བསྟན་གྱི་སྒྲུང་ལུགས་གཙོ་བོ་བྱས་པ་དང་། གཞན་རང་ལུགས་ཀྱི་གླིང་གི་གཅེས་ཕྲུག་བཅུ་གསུམ་སོགས་ཀྱི་མཚན་གྱི་རྣམ་གྲངས་འདི་སྨིན་དབུས་པོས་བཏུས་སོ། །བཙན་པོ་རིག་གནས།zanpuwenhua

Publicité
Commenter cet article