Yesterday, 26 Mai 2014 in Kham Kardze. བོད་དཀར་མཛེས་རྫོང་དུ་རྒྱ་ནག་དམིགས་བསལ་ཉེན་རྟོག་པ་དང་དྲག་ཆས་དམག་མིས་དྲག་ཤུཊ་ངོམས་འདུག ། ༢༠༡༤/༠༥/༢༧
ཁ་སང་རྒྱ་གཞུང་གིས་དཀར་མཛེས་རྫོང་དུ་རང་ལུས་མེར་བསྲེགས་དང་ཁྲིམས་འགལ་འདུ་འཛོམས་སོགས་ལ་རྒོལ་རྡུང་གཏོང་བའི་དྲག་ཤུགས་ངོམ་ཡོད་འདུག
ཁ་སང་ཕྱི་ཚེས་ ༢༦ ཉིན་རྒྱ་གཞུང་གིས་སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་ཁོངས་སུ། དྲག་ཆས་ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པ། དམག་མི་བཅས་ཀྱིས་རང་ལུས་མེར་བསྲེགས་དང་ཁྲིམས་འགལ་འདུ་འཛོམས། ཟས་བཅད་ངོ་རྒོལ། མི་གསོད་འཕྲོག་བཅོམ་སོགས་ལ་རྒོལ་རྡུང་གཏོང་བའི་དྲག་རྩལ་སྦྱོང་བརྡར་བྱས་ཡོད་པ་མ་ཟད། མི་མང་གི་ཐོག་མེ་མདའ་དང་དུག་རྫས་སོགས་བེད་སྤྱོད་གཏོང་སྟངས་རྔམ་སྟོན་བྱས་ཡོད་འདུག
Commenter cet article