Finally, some cleansing of very bad people in local governement of Ziling (Xining) and of Tsongon (Qinghai) province: leaders accused of corruptions and crimes!
/http%3A%2F%2Ffbcdn-sphotos-g-a.akamaihd.net%2Fhphotos-ak-xpf1%2Ft1.0-9%2F10464288_10203650227670802_548194985575463966_n.jpg)
གནས་ཚུལ་གསར་པ།
གཞན་ནས་བཤུས།
འདི་ཟླའི་ཚེས་བ་ 16 སྟེ་ད་ལྟ་རང་དུ་རྒྱ་ནག་གཞུང་འབྲེལ་གསར་ཁང་ནས་གནས་ཚུལ་སྤེལ་གསལ་ལ། མཚོ་སྔོན་ཞིང་ཆེན་གྱི་ད་སྔའི་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་དང་། ཟི་ལིང་གྲོང་ཁྱེར་གྱི་སྤྱི་ཁྱབ་དྲུང་ཆེ་མའོ་ཞའོ་ཕིང་དང་། ཡིན་ནན་ཞིང་ཆེན་གྱི་དེ་སྔའི་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་དང་། ཁུན་མིང་གྲོང་ཁྱེར་གྱི་དྲུང་ཆེ་ཀྲང་ཐན་ཤིན། དེ་བཞིན་ཅང་ཤི་ཞིང་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་ཀྲའོ་ཀྲེ་ཡུང་། ཀོང་ཏུང་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་དང་། ཀོང་ཀྲའུ་གྲོང་ཁྱེར་གྱི་དྲུང་སྤྱི་ཝང་ཆི་ལན་བཅས་ཀྱིས་དབང་ཆ་དང་གོ་གནས་ལ་བརྟེན་ནས་ལྐོག་རྔན་བླངས་ཤིང་ལྐོག་ཟ་བྱས་ཏེ་ཁྲིམས་འགལ་ཚབས་ཆེའི་ཉེས་པ་བསགས་ཡོད་པའི་གནས་ཚུལ་ཐོན་ཏེ། ཁོང་ཚོ་ཏང་གི་སྐྱིད་སྡུག་ནས་ཕུད་ཅིང་གོ་གནས་ཡོད་ཚད་མེད་པར་བཟོས་ཡོད་པ་མ་ཟད། ཁོང་ཚོས་བསགས་པའི་ནག་ཉེས་ལ་ཞིབ་འཇུག་བྱེད་བཞིན་པའི་སྒང་ཡིན་རབས་ཀྱི་གནས་ཚུལ་འདུག
Commenter cet article