Google+
Overblog Tous les blogs Top blogs Politique Tous les blogs Politique
Editer l'article Suivre ce blog Administration + Créer mon blog
MENU
King Gesar of Ling

King Gesar of Ling with English subtitles: https://www.youtube.com/user/Linglhamo

BREAKING : Today, July 20, 2013 at 8:40 AM Tibetan...

Publié le 20 Juillet 2013 par Ling Lhamo

BREAKING : Today, July 20, 2013 at 8:40 AM Tibetan...

BREAKING : Today, July 20, 2013 at 8:40 AM Tibetan time, Konchok Sonam, 18, from Tangkor Soktsang monastery in Dzoge district of Ngaba prefecture set himself on fire asking freedom for Tibet.

སི་ཁྲོན་མཛོད་དགེ་རུ་རང་ལུས་མེར་བསྲེཊ།
འདོན་སྤེལ། ༢༠༡༣/༠༧/༢༠

ད་ལྟ་རིང་གནས་ཚུལ་འབྱོར་གསལ་ལ། དེ་རིང་སྔ་དྲོའི་བོད་ནང་གི་ཆུ་ཚོད་ ༨།༤༠ ཡས་མས་སུ་སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་མཛོད་དགེ་རྫོང་ཐང་སྐོར་སོག་ཚང་དགོན་པའི་རང་ལོ་ ༡༨ ཡིན་པའི་གྲྭ་དཀོན་མཆོག་བསོད་ནམས་ཞུ་བ་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེ་བསྲེགས་གནང་སྟེ་འདས་གྲོངས་སུ་ཕྱིན་ཡོད་འདུག དེ་རིང་སྔ་དྲོར་དགོན་པའི་ཚོགས་གྲོལ་ནས་ཡོང་སྐབས་ཁོང་གིས་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། ཁོང་ནི་ཐང་སྐོར་སོག་ཚང་སྡེ་བའི་ཕ་བསོད་ནམས་དཔལ་ལྡན་དང་མ་ལན་ཕྲུག་གཉིས་ཀྱི་བུ་ཡིན་འདུག
དེ་མ་ཐག་རྒྱ་ནག་གི་ཉེན་རྟོག་པ་འབྱོར་ཏེ་ཁོང་གི་སྐུ་ཕུང་འཕྲོག་རྩིས་བྱས་ཡོད་ཀྱང་། ས་གནས་མང་ཚོགས་ཀྱིས་སྐུ་ཕུང་རྒྱ་ལག་ཏུ་ཤོར་མ་བཅུག་པར་ཉེ་འགྲམ་གྱི་རྨ་ཆུར་བསྐུར་ཡོད་འདུག གཞན། ད་སྔ་ཁོང་གིས་ས་གནས་གང་ཞིག་ཏུ་མེར་བསྲེགས་བཏང་ཡོད་མེད་དང་འབོད་ཚིག་གང་འདྲ་བསྒྲགས་ཡོད་མེད་སོགས་གནས་ཚུལ་ཞིབ་ཕྲ་འབྱོར་མ་སོང་བས། གནས་ཚུལ་ཐོན་རིམ་བཞིན་ཇེ་གསལ་དུ་གཏོང་རྒྱུ་ཡིན།

Publicité
Commenter cet article