I was happy to find this morning a photo, taken in our association last week, on Wechat, shared inside Tibet, with following comment in Tibetan : ས་ག་ཟླ་བའི་སྙན་དངགས་དགོང་འཚོགས།
ཕྱི་ཟླ་༠༥།༢༥ བོད་ས་ག་ཟླ་བའི་ཚེས་བཅོ་ལྔའི་དགོང་དྲོར་པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱིས་གོ་སྒྲིག་འོག་དྲ་ལམ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་སྙན་དངགས་དགོང་འཚོགས་ཤིག་ ཧྥ་རན་སིའི་རྒྱལ་ས་ཕ་རི་སིར་འཚོགས།
སྙན་དངགས་དགོང་འཚོགས་འདི་ཉིད་ཧྥ་རན་སི་ནས་སྤེལ་བའི་སྙན་དངགས་དགོང་འཚོགས་ཐེངས་གཉིས་པ་དང་། དྲ་ལམ་རྒྱལ་སྤྱི་རང་བཞིན་ཅན་དུ་སྤེལ་བའི་སྙན་དངགས་དགོང་འཚོགས་ཐེངས་དང་པོ་དེ་ཆགས་ཡོད་ལ་ཐེངས་འདིའི་དགོང་འཚོགས་ནི་མཐུན་ཚོགས་ཀྱི་ཚོགས་གཙོ་ཆབ་བྲག་ལྷ་མོ་སྐྱབས་དང་རྒྱུན་ལས་ཁ་སྒང་བསམ་གཏན་རྒྱ་མཚོ། ཚོགས་མི་གསལ་ལེ་རྒྱལ་དང་རྨ་དུག་ལྕེ་བཅས་ཀྱིས་རྐང་འགན་ཁུར་ཅིང། མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གི་འགོ་འཛིན་པ་སྒྲོལ་མ་ལགས་ཐེངས་འདིའི་དགོང་འཚོགས་སྟེང་མཉམ་ཞུགས་ཀྱིས་སྙན་དངགས་གྱེར་འདོན་བྱས་ཡོད་པ་མ་ཟད། འགོ་འཛིན་པ་ཡང་བྱས་ཡོད།
ཨ་ལགས་ཤིང་བཟའ་རིན་པོ་དང་ས་གནས་དོན་གཅོད་དྲུང་ཆེ་ཚེ་རིང་དོན་འགྲུབ་གཉིས་ཀྱིས་གཙོས་སྙན་ངག་པ་དང་སྙན་དངགས་ལ་དུངས་མཁན་ཁག་ཅིག་ལྷན་འཛོམས་ཐོག་མི་ཉི་ཤུ་ལྷག་མཉམ་འཛོམས་ཐོག་དྲ་ལམ་ནས་མཉམ་ཞུགས་གནང་མཁན་ཐའེ་ཝན་ནས་ཕྱོགས་བཞུགས་རྒྱུན་ལས་རྫ་ཚེ་རིང་བཀྲ་ཤིས་ལགས་དང་ཨ་རི་ནས་མཛངས་མ་ཚེ་རིང་སྐྱིད་དང་། དབྱིན་ཡུལ་ནས་རྩོམ་རིག་འབུམ་རམས་པ་བླ་མ་སྐྱབས། སི་སུད་ནས་ཨ་མཆོག་གླུ་མ་ཚེ་རིང་སྐྱིད། རྒྱ་གར་ནས་ཨ་རིག་འགྱུར་མེད་སོགས་མཉམ་ཞུགས་བྱས་ཡོད། འོན་ཀྱང་འདི་གའི་ཆ་རྐྱེན་དང་ཕར་ཚུར་གྱི་དྲ་ལམ་བཟང་ངན་སོགས་ཀྱིས་རྒྱང་བཞུགས་པ་མང་པོ་ཞིག་གི་རེ་བ་ཇི་བཞིན་སྐོར་ཐུབ་མེད།
ཐོག་མར་འགོ་འཛིན་པ་སྒྲོལ་མས་སྔོན་གླེང་ཤིས་ཚིག་གྱེར་ཞིང་ཚོགས་གཙོ་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས་དགོང་ཚོགས་དབུ་འབྱེད་ཀྱི་གཏམ་བཤད་གྲུབ་གནང་བ་དང། རྨ་དུག་ལྕེས་སྙན་དངགས་གྱེར་འགོ་བརྩམས་པ་དང་ལས་རིམ་མཇུག་རྫོགས་སུ་ཨ་ལགས་ཤིང་བཟའ་རིན་པོ་ཆེ་མཆོག་གིས་སྙན་དངགས་གྱེར་འདོནདང་འབྲེལ་བའི་གསུང་བཤད་གནང་བ་དང་འགོ་འཛིན་པ་སྒྲོལ་མས་མཇུག་བསྡུའི་སྙན་དངགས་གྱེར་འདོན་བཅས་ཐེངས་འདི་སྙན་དངགས་དགོང་འཚོགས་དེ་ཅུང་དོན་སྙིང་ལྡན་པའི་ངང་ལེགས་གྲུབ་བྱུང་ཡོད་འདུག་ལ་གཤམ་གསལ་དྲ་ཐག་ལས་བརྙན་རིས་གསལ་བོར་མཐོང་ཐུབ་པོ།།
http://m.youtube.com/watch?v=nhmPgnAxpzQ
གོང་གསལ་གསར་འགྱུར་དེ་༼སྤྱི་ཚོགས་མེ་ལོང་༽སྤྱིའི་འདོན་ཐེངས་༡༤༢པ་ལས་འདིར་འདྲེན་བཀོད་བྱས་པའོ།།
Commenter cet article