Last moments of Kalachakra initiation performed in Ngaba Dzoge since June 19 by Kyabje Setsang Pelden Choekyi Dorje.
སྐྱབས་རྗེ་བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མཆོག་གིས་སྤྱི་ཟླ་༦པའི་ཚེས་༡༩ནས་༢༢བར་དུས་འཁོར་དབང་ཆེན་ཐེངས་གསུམ་པ་གནང་བར་སྦྱིན་བདག་དང་བདེ་སྲུང་སོགས་ཀྱང་ཐང་སྲས་བུ་བརྒྱུད་ཞེས་པའི་ཐང་སྐོར་ཡུལ་ཚོའི་སྡེ་མི་ལས་གྲུབ་པའི་ཚོགས་སྡེ་འདིས་འགན་ཁུར་འདུག་པ་ལས་དམག་མི་སོགས་གཅིག་ཀྱང་མི་འདུག ཁོད་སྙོམ་ཞིང་རྒྱ་ཆེ་བའི་སེམས་སྐྱིད་ཐང་གི་དུས་དབང་འདིར་ཕེབས་མཁན་ལ་༼དུས་དབང་དོ་དམ་ཚོགས་པས་གསུངས་ན།༽ལྟ་གོན་གྱི་ཉིན་དགེ་འདུན་པ་སྟོང་བདུན་དང་དངོས་གཞི་ནས་ཁྲི་གཅིག་དང་ཉིས་སྟོང་ནས་སུམ་སྟོམ་བར་སླེབས་འདུག་ལ། རེབ་གོང་གི་ཤར་སྐལ་ལྡན་རྒྱ་མཚོ་གཙོས་པའི་བླ་ཆེན་བརྒྱ་དང་ཉི་ཤུ་ནས་སུམ་བཅུའི་བར་དང་། དམངས་ཚོགས་མདོ་དབུས་ཁམས་གསུམ་ནས་ཕེབས་མཁན་དང་ནང་ལོགས་བཅས་ཀྱི་མི་ཁྲི༣༠ལ་ཉེ་བ་ཕེབས་འདུག་ཟེར། དེ་དང་མཚུངས་པར་ཚོང་བ་ཡང་རྔ་ཡུལ་གཙོས་པའི་ས་ཕྱོགས་སོ་སོའི་ཚོང་ཁང་དང་ཟ་ཁང་སོགས་ཀྱི་ཚོང་འདུས་ཆེན་པོ་ཞིག་ཀྱང་གྲུབ་འདུག་ལ། དཀར་དམར་ཕྲ་ཚོམ་གྱི་མི་ཚོགས་དང་མཛེས་སྡུག་ལྡན་པའི་རྨ་ཆུའི་ཁུག་མགོ་ནས་ཚེས་༢༢ཉིན་གྱི་ཕྱི་དྲོར་ཚོགས་འཁོར་བསྐོར་ནས་དཀྱིལ་འཁོར་མཇལ་ཁ་དང་བཅས་བཀྲ་ཤིས་པའི་ངང་ཡོངས་སུ་ལེགས་པར་གྲུབ་འདུག
Commenter cet article