Liberation of 2000 animals in Amchok (Amdo) last week end.
ཡུལ་ཕྱོགས་སོ་སོ་ནས་རྟོལ་ཕྲུག་ཚེ་ཐར་ཉིས་སྟོང་བརྒྱ་ལས་བརྒལ་བ་ས་གནས་ཨ་མཆོག་ལ་འབྱོར་བྱུང་།
དེ་མིན་མདོ་ལྷོའི་ཨ་མཆོག་ཡ་རུ་རྒྱུད་ཀྱི་དད་སྟོབ་ཅན་འཇིགས་བྷེ་ལགས་ཀྱིས་སྔར་བྱས་སྡུག་པ་ལ་འགྱོད་བཤགས་དང་དམིགས་གསལ༼ཕ་འདས༽བོའི་ཆེད་དུ་ངེད་གཞན་ཕན་ཚོགས་པར་ལུག་ཉེར་དགུ་ལྷག་ཕུལ།
ང་ཚོས་ལུག་ཉེར་དགུ་བོ་རིན་སྐར་གང་མ་བླངས་པར་ཚེ་ཐར་བཏང་བ་མ་ཟད་ལུག་དེ་དག་མང་ཚོགས་སྙིང་རྗེ་ཅན་ཚོར་བཅོལ་སྟེ་ཚེ་འགན་འཁུར་ཏུ་བཅུག
གཉིས་པ། ཧོར་ཟླ་ལྔ་བའི་ཚེས་གསུུམ 5.3. ཉིན་མདོ་ལྷོའི་ཅོ་ནེ་རྫོང་ཝ་དམར་ཁོངས་གཏོག་སུམ་པ་སྡེ་བའི་ཕ་རྟ་མགྲིན་དབང་རྒྱལ་དང་མ་མཁར་མོ་སྐྱིད་གཉིས་ཀྱི་བུ་མོ་ཆུང་བ་ད་ལོ་རང་ལོོ་ཉེར་བཞི་ཡིན་པ''ཅོ་ནེ་རྫོང་བོད་རིགས་སློབ་འབྲིང''གི་ཐར་ཕྱིན་སློབ་མ༼བན་འདེ་སྒྲོལ་མ༽ལགས་ཉིན་དེའི་སྔ་དྲོ་གཞན་གྱི་རྐང་གསུམ་འཁོར་བསྒྱུར་འོག་སྟབས་མ་ལེགས་པར་ཚེ་སྲོག་ཤོར།
ལས་ཕྲོད་ཞིག་གིས་དོན་རྐྱེན་དེའི་ཐོག་ངེད་གཞན་ཕན་ཚོགས་པའི་འགན་འཛིན་པ་དགེ་སློང་གསུམ་དང་གཞན་དགེ་སློང་ཅིག་བཅས་དགེ་སློང་བཞི་དང་འཕྲད་བྱུང་བས་ང་ཚོའི་ལས་གཞི་དེའང་ཚེ་སྲོག་སྲུང་སྐྱོབ་ཡིན་པས་དེ་མ་ཐག་མྱུར་སྐྱོབ་བྱས་རུང་ཕན་མ་བྱུང་།
ངེད་ཚོགས་པའི་རྩ་འཛུགས་འོག་ཁྱིམ་ཚང་དེར་གདུང་སེམས་མཉམ་བསྐྱེད་བྱེད་ཆེད་དུ་ལམ་སྔགས་གཉིས་དང་སྒོར་སུམ་བརྒྱ་བཅས་ཕུལ་སྟེ་འདས་མོའི་ཕ་མ་གཉིས་ལ་སེམས་གསོ་དང་བསྔོ་སྨོན་རྣད་སྨིན་རེ་སྒྲུབས། དེ་མིན་ཕ་རོར་བོའི་ཁྱིམ་ཚང་དེར་གྱོད་མི་བཟོ་རྒྱུའི་རེ་འབོད་ཞུས་མཐར་ལ་རྒྱ་དང་སྙིང་རྗེ་ཆེ་བའི་ཕ་ལགས་དང་མ་གཉིས་ཀྱིས་གཏན་ནས་གྱོད་མི་རྒྱག་རྒྱུའི་དམ་བཅའ་བ་མ་ཟད་རྐང་གསུམ་འཁོར་བསྒྱུར་མཁན་སློབ་གྲྭ་དེའི༼འཛིན་བདག༽ནི་རང་གི་བུ་བཞིན་གཅེས་པར་ཁས་བླངས།
ངེད་གཞན་ཕན་ཚོགས་པའི་བྱ་བཞག་འདི་ནི་བདེན་པ་སྙེག་མཁན་གྱི་མི་རིགས་འདིས་གཟི་བརྗིད་ཅིག་ཏུ་སེམས་ནས་ཚེས་བརྒྱད་ཉིན་འདས་མོའི་ཕ་རྟ་མགྲིན་དབང་རྒྱལ་ལགས་གདན་ཞུ་བྱས་ཏེ་ཁོ་བོར་བཀའ་དྲིན་དང་སེམས་གསོ་དེ་མིན་ཚེ་འདས་མའི་དགེ་རྩར་དམིགས་སྟེ་འབུམ་དག་ཚར་གཅིག་དང་ཁ་དར་བཅས་ཕུལ།
མ་ཟད་དེར་འདུས་ཀྱི་མང་ཚོགས་ཚོར་ངོ་སྤྲོད་དང་གསལ་བཤད་བྱས་དུས་བོད་རིགས་དད་ལྡན་ཚོ་ཡང་སེམས་འགུལ་ཐེབས་སྟེ་གདུང་སེམས་མཉམ་བསྐྱེད་བྱས་པ་མ་ཟད་ཚེ་འདས་མའི་ཆེད་དུ་མ་ཎིི་ཁྲི་ཕྲག་བཅུ་ཁས་ལེན་མཁན་མང་བོ་དང་། དེ་མིན་སྨྱུང་གནས་མཁས་ལེན། ལམ་རིམ་ཆེན་མོ་ཁས་ལེན། ཐར་ཆེན་ཁས་ལེན། སྤྱོད་འཇུག་ཆེན་མོ་ཁས་ལེན། བོད་ནང་འཛིངས་མི་བྱེད་པར་ཁས་ལེན་དང་། ཁ་དར་འཐེན་མི་དང་མཆོད་ཐེབས་སྦྱིན་མི་སོགས་མིག་ཆུའི་བཞུར་རྒྱུན་དང་མ་ཎི་དབྱངས་རྟའི་བར་ནས་འཇུག་བསྡུས།
གསུམ་པ། ད་ལོའི་ཟླ་གསུམ་པ་ནས་ངེད་གཞན་ཕན་ཚོགས་པ་མདོ་ལྷོའི་ས་གནས་དགོན་གྲོང་གི་གདན་ཞུ་ལྟར་ཡུལ་ལུང་ས་གནས་སྡེ་བ་ཉེར་དྲུག་ལྷག་ལ་དངོས་བསྐྱོད་བྱས་པའི་འབྲས་སུ་དད་ལྡན་ཚོས་ཚེ་སྲོག་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་གཞི་རྩར་བཟུང་སྟེ༼བོད་ནང་འཛིངས་མི་བྱེད་པར་དམ་བཅའ་མཁན༽བོད་ཕྲུག་གཙང་མ་བཞི་བཅུ་ལས་བརྒལ་འདུག
ངེད་ཚོགས་པའི་ཚེས་བརྒྱད་ཉིན་ཁོ་ཚོ་གདན་ཞུ་བྱས་སྟེ་གཟི་བརྗིད་ཆོས་བསྐལ་གནང་ནས་མང་ཚོགས་ཚོར་གང་ནུས་སྒོས་སློབ་གསོ་བྱས་སྟེ་ཀི་སཱོ་ལྷ་རྒྱལ་དང་བསྔོ་སྨོན་གཙང་མའི་བར་ནས་འཇུག་བསྡུས།
ཞེས་གཞན་ཕན་ཀུན་སྣང་ཚོགས་པའི་བྱ་འགུལ་འགན་འཛིན་ཚན་ཆུང་ནས།
http://cutt.com/weizhan/article/101029934/3867077765/110768
Commenter cet article