མགོན་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མཆོག
Supreme Victorious Lord Tenzin Gyatso
Song for His Holiness' Dalai Lama 78th birthday
ཚིག་རྩོམ་མཁན་ཀླུ་སྨྱོན་ཧེ་རུ་ཀ།
Lyrics : Lunyon Heruka
རྡུང་ལེན་མཁན་འགོ་ལོག་པ་དགེ་རྩེ་བསོད་སྟོབས།
Singer : Golok Gertse Sortop
Translation : Lobsang Jinpa and Ling Lhamo
མགོན་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མཆོག
Supreme Victorious Lord Tenzin Gyatso
སྐུ་མདོ་སྨད་ཡུལ་དུ་འཁྲུངས་ནས་བཟུང།།
Since You were born in the land of Amdo
བོད་མགོ་ནག་ཡུལ་དུ་ཉི་མ་ཤར།
The Sun is shining in the land of Tibetan people.
དགུང་ཉི་མ་ཁྱེད་གཉིས་སྐུ་ཚེ་བརྟན།
May You and the Sun on the sky have a long life.
མགོན་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མཆོག
Supreme Victorious Lord Tenzin Gyatso
སྐུ་གསེར་ཁྲིར་མངའ་གསོལ་བྱས་ནས་བཟུང།
Since your enthronement on your Golden Throne
བོད་ཆོལ་གསུམ་མཁའ་ལ་ཟླ་བ་ཤར།
The Moon is shining on Three Tibetan provinces.
དུང་ཟླ་བ་་ཁྱེད་གཉིས་སྐུ་ཚེ་བརྟན།
May You and the White Moon have a long life.
མགོན་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མཆོག
Supreme Victorious Lord Tenzin Gyatso
གནས་རྒྱ་གར་འཕགས་ཡུལ་ཕེབས་ནས་བཟུང།
Since you went to the holly land of India
མཚན་སྙན་གྲུགས་གཡུ་འབྲུག་སྐད་སྙན་བཞིན།
Your name became as glorious as a voice of dragon.
དགུང་གཡུ་འབྲུག་ཁྱེད་གཉིས་སྐུ་ཚེ་བརྟན།
May You and the Dragon on the sky have a long life.
མགོན་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མཆོག།
Supreme Victorious Lord Tenzin Gyatso
བོད་མི་དམངས་རང་དབང་རྩོད་པའི་དུས།
When Tibetan people is fighting for freedom
སྐུ་གཟི་བརྗིད་གངས་སེང་དཀར་མོ་བཞིན།
Your splendor is as bright as a White Snow Lion.
སེང་དཀར་མོ་ཁྱེད་གཉིས་སྐུ་ཚེ་བརྟན།
May You and the White Snow Lion have a long life.
Commenter cet article