Today, inside Tibet, many poems for Yushu appeared on Wechat
ཕ་ཡུལ་ལགས། ཡུལ་ཤུལ།
ཡུལ་ཤུལ་ས་འགུལ་ལ་རྗེས་དྲན་གྱི་ཚུལ་དུ་བྲིས།
རྔ་བ། སྦྲ་དུངས་སེམས་ཀྱིས།
༤་༡༤་ཉིན་མ་དེ།
ཁྱོད་ཅག་གིས་བརྗེད་མེད་ལ།
ངེད་ཅག་གིས་ཀྱང་བརྗེད་མེད།
འདི་གཏན་ཏུ་བརྗེད་ལ་སྲིད།
ཕུ་ནུ་མིང་སྲིང་གི་ཚེ་སྲོག
༤་༡༤་ཉིན་མོ་འདིར།
གྱེས་སོང་བ་ཡིན་ལ།
བཟོད་གླགས་མེད་པའི་ན་ཟུག་ཀྱང་།
ཉི་མ་འདི་ནས་བྱུང་བ་ཡིན།
ཡིན་ན་ཡང་།
མཐུན་སྒྲིལ་དང་སྟོབས་ཤུགས།
བྱམས་བརྩེ་དང་ལྷག་བསམ་གྱིས།
ཡུལ་ཤུལ་གྱི་རྒྱལ་ཁ་བླངས་སོང་།
ཡུལ་གྱི་ན་ཟུག་དྭངས་སོང་།
རྗེས་ཤུལ་ན་ལུས་པའི་སྤུན་ཟླ་དག
འུ་ཅག་གིས་དེ་རིང་།
འདི་ནས་མ་ཎི་གྱེར།
བསྔོ་སྨོན་གསུང་།
རྗེས་ཤུལ་ན་ལུས་པའི་སྤུན་ཟླ་དག
འུ་ཅག་གིས་དེ་རིང་།
འདི་ནས་རྗེས་དྲན་བྱེད།
སྙན་ངག་འབྲི།
མ་ཎིའི་དབྱངས་རྟ་ལྷན་དུ།
ས་འགུལ་ལས་གྱེས་པའི་སྤུན་ཟླ་ཚོ།
ཁྱེད་ཅག་བདེ་བར་གཟིམས།
མར་མེ་ཁྲི་ཕྲག་གི་འོད་སྣང་དང་མཉམ་དུ།
ཁྱིམ་ཚང་དང་གཏན་ཏུ་གྱེས་པའི་སྤུན་ཟླ་དག
ཁྱེད་ཅག་བདེ་བར་ཕེབས།
བྱམས་ལྡན་གྱི་མེ་རི་དང་ལྷན་དུ།
ཕུ་ནུ་མིང་སྲིང་དང་གྱེས་བའི་སྤུན་རྣམས།
ཁྱེད་ཅག་ཞིང་ཁམས་ལ་སྐྱེས་བར་སྨོན།
ཁྱེད་ཅག་འཇིག་རྟེན་དང་བྲལ་ན་ཡང་།
གཏན་ཏུ་ངེད་ཅག་གི་སེམས་ཁུང་ན་གནས།
ཁྱེད་ཅག་མི་ཡུལ་དང་གྱེས་ན་ཡང་།
ནམ་ཡང་ངེད་གི་བརྩེ་བ་དང་ལྷན་དུ་གནས།
༢༠༡༣་༤་༡༤་སྔ་དྲོར་བྲིས།
Commenter cet article